Voice of Tibet Video about H.H. Jigdal Dagchen Sakya's 49th Day Puja

 

 

༄༅།།བདག་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱིས་སླད་དུ་མཚན་ནས་སྨོས་ན་༧དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་རྗེས་ཉིན་བདུན་གི་རིང་ཐུགས་དམ་ངོ་མཚར་ཅན་ཞིག་ལ་བཞུགས་ཤིང་།ཐུགས་དམ་གྲོལ་མཚམས་ནས་གཙོ་བོ་༧དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན།འདི་ག་ཨ་རིའི་སི་ཡ་ཀྲལ་མངའ་སྡེའི་ཁོངས་སུ་ཆགས་པའི་དཔལ་ས་སྐྱ་དགོན་པར་འཁོན་གདུང་རིན་པོ་ཆེ་རྣམ་པས་གཙོར་མཛད་པའི་བླ་གྲྭ་མི་ཉུང་བ་ཞིག་གིས་སྐུ་ཚིགས་དང་པོར་བླ་མཆོད་།སྐུ་ཚིགས་གཉིས་པར་ཀྱེ་རྡོར་བསྒྲུབ་མཆོད།སྐུ་ཚིགས་གསུམ་པར་བླ་མཆོད།སྐུ་ཚིགས་བཞི་པར་ཕུར་པའི་བསྒྲུབ་མཆོད།སྐུ་ཚིགས་ལྔ་པར་བླ་མཆོད།སྐུ་ཚིགས་དྲུག་པར་ཀུན་རིག་བསྒྲུབ་མཆོད།སྐུ་ཚིགས་བདུན་པར་མཁའ་སྤྱོད་བསྒྲུབ་མཆོད་བཅས་མདོར་ན་བདུན་ཕྲག་བདུན་གྱི་རིང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མི་འདྲ་བར་བརྟེན་པའི་བསྒྲུབ་མཆོད་ཚོགས་ཞིང་།དེ་རིང་ནི་ཉིན་ཞག་བཞེ་དགུ་པ་ཡིན་ཞིང་འདིར་བཞུགས་ཡོད་པའི་འཁོན་གདུང་ཨ་བྷི་ཀིརྟ་བཛྲ་རིན་པོ་ཆེ་མཆོག་དང་༧འཁོན་གདུང་ཨ་སང་ག་བཛྲ་རིན་པོ་ཆེ་མཆོག་༧འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེན་མཆོག་གིས་དབུས་པས་དྲི་མེད་འཁོན་གདུང་རྣམ་པ་དང་།ཕྱོགས་མཐའ་ཁག་ནས་ཆེད་མངགས་དགོངས་རྫོགས་མཆོད་འབུལ་ཆེད་ངོ་བཅར་གནང་ཡོད་པའི་བླ་མ་སྤྲུལ་པའི་སྐུ་རྣམ་པ་དང་དགེ་འདུན་འདུས་མང་ཡོངས་ནས་ལྷན་ཅིག་ཏུ་ཚོགས་མཆོད་རྒྱས་པ་ཞིག་བསྟར་འབུལ་དང་སྦྲེལ།དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ངང་ཚོགས་པའི་བརྙན་པར་འདི་དག་རྒྱ་ཆེའི་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས།